13 pa pha gdon 'dres khrid phyin pa/

From StarLab

Jump to: navigation, search

Text of Tibetan Folktales III Toyo Bunko edited by Michiyo Hoshi

第13話

པ་ཕ་གདོན་འདྲེས་ཁྲིད་ཕྱིན་པ།

མི་ཚང་ཅིག་གི་པ་ཕ་མཚན་ལ་གདོན་འདྲེས་ཁྲིད་བྱས་བརླགས་པ་རེད་ཟག

མཚན་ལ་བརླགས་ཙང་། ཁྱོན་ནས་མ་བརྙེད་པ་བྱས།

ཨ་ནི་སང་ཉིན་དེར་མི་མང་པོ་འཚལ་གག་ཕྱིན། ཕྱིན། ཕྱིན་དུས་ཙམ།

ཨ་ནི་རྦད་རི་མཐོན་པོ་ཞེ་པོ་ཅིག་གི་གཡང་ཞེ་པོ་ཅིག་ལ་ཡར་བསྐྱལ་བཞག་འདུག་ཟག

ད་དེར་ཡར་མི་ཁྱོན་ནས་འགྲོ་ཐུབ་ཡག་མེད་པ་བྱས།

སྐད་བརྒྱབ་ནའི་པ་ཕས་ཁྱོན་ནས་ཧ་གོ་གི་ཡོག་མ་རེད།

གདོན་འདྲེའི་གནོད་པ་ཞུགས་བསྡད་ཡོད་ཙང་། པ་ཕས་ཁྱོན་ནས་ཧ་གོ་གི་མེད་པ་འདྲ།

གདོན་འདྲེའི་གནོད་པ་ཞུགས་བསྡད་དུས།

ཅིག་བྲག་རྦད་ཞེ་པོ་དེ་འདྲས། ལམ་ཀ་ཁྱོན་ནས་མེད་ས།

མི་ཁྱོན་ནས་འགྲོ་མ་ཐུབ་ས་དེ་འདྲས་ལའི་འགྲོ་ཐུབ་གི་ཡོག་འདྲ་འདུག་གང་།

ཨ་ནི་མི་མང་པོས་སྐད་ཞེ་དྲག་བརྒྱབ་ཙང་། གདོན་འདྲེས་གནོད་པ་འདྲ་དེ་གློད་པ་འདྲ།

ཨ་ནི་གཞི་ནས་ཁོ་རང་གིས་ཡ་ནས་མར། <<འོའོ་ང་ག་རེ་བྱས་པ་རད།>> ཟེ་སྐད་རྒྱག་གི་འདུག་ཟག

ཨ་ནི་མི་ཚོས་ཐག་པ་དེ་འདྲས་བཏང་། ཐབས་ཤེས་བྱས།

ཨ་ནི་པ་ཕ་མར་ལེན་ཐུབ་པ་འདྲ།

ཨ་ནི་མཇུག་མ་ཁོ་རང་ལ་ཡཱ་<<རི་དེའི་སྒང་ལ་གང་འདྲས་སེ་ཕྱིན་པ་རད།>> ཟེ་དྲིས་དུས་ཙམ།

བཤད་ཡག་འདྲ་པོ་ག་གའི་མི་འདུག་ཟེར་གིས་ཟག

དེ་འདྲས་བཤད་གི་འདུག


Personal tools



Global Navigation

AACoRE > Laboratories > StarLab
ILCAA