11 g.yag phrug gi ske la thag pa rgyab pa/
From StarLab
Text of Tibetan Folktales III Toyo Bunko edited by Michiyo Hoshi
༡༡ གཡག་ཕྲུག་གི་སྐེ་ལ་ཐག་པ་བརྒྱབ་པ།
[༡] མི་ཅིག་ཁོ་རང་ཁང་པའི་ནང་ལ་ཡཱ་ཁོ་རང་གཅིག་པོར་ས་ལ་བསྡད་ཡོག་འདྲ། ཨ་ནི་ཁོ་རང་གཅིག་པོར་བསྡད་བསྡད་དུས། གདོན་འདྲེས་གནོད་པ་བྱས་བྱས། ཁོ་རང་གི་ཁང་པའི་ནང་ལ་ཡཱ་གཡག་གི་པུ་གུ་ཆུང་ཆུང་དེ་འདྲས་རྭ་གོག་མེད་མཁན་དེ་འདྲས་ཅིག་འཛུལ་ཡོངས་པ་རེད་ཟེར་གིས། ཨ་ནི། འཛུལ་ཡོངས་པ་ཡིན་ཙང་། ད་ཁོ་རང་གིས། འདི་ཅིག་ཟིན་ན་མ་གཏོགས་འགྲིག་གི་མ་རེད་བསམས་བྱས། ཅིག་ཟིན་གག་ཕྱིན་ནས། ཟིན་དུས་ཙམ། མགོ་ལ་རྭ་གོག་མེད་ཙང་། ཁྱོན་ནས་ཟིན་མ་ཐུབ་པ་བྱས། དཀའ་ལས་མང་པོ་བརྒྱབ། གང་འཚམས་བྱེད་དུས། ཟིན་ཐུབ་སོང་ཟེར་གིས་ཟག ཅིག་ཟིན་ཐུབ་པ་ད་གར། ལམ་སང་ཁ་དེར་ཐག་པ་ཅིག་ཁྱེར་ཡོངས་བྱས། དེའི་གཡག་གི་པུ་གུ་ཆུང་ཆུང་དེའི་སྐེ་དེར་ཐག་པ་དེ་བརྒྱབ་བྱས། ཨ་ནི་ཁོ་རང་ཁང་པའི་ནང་གི་གདུང་མ་དང་ལྕམ་ལ་ཡཱ་བཏགས་པ་འདྲ།
[༢] བཏགས་ཚར་དུས་ཙམ། ཨ་ནི་ནམ་རྒྱུན་ཁོ་རང་གིས་གསོལ་ཡག་ལྷ་ཅིག་ཡོག་འདྲ། ལྷ་དེ་ཡོངས་བྱས། སྟོད་སྒལ་སྒང་དེར་ཡཱ་རྒྱུག་པ་ཅིག་གཞུས་བྱས། ཁྱོད་ག་རེ་བྱེད་གི་ཡོག་ཟེར་གིས་ཟག ཁོའི་སེམས་དེ་འཁྲུལ་ཡོག་འདྲ་འདུག་གང་། ལྷས་རྒྱུག་པ་ཅིག་གཞུས་པ་ད་གར། ལམ་སང་ཁ་དེར་འཁྲུལ་དེ་ཞི་བྱས། འཁྲུལ་དེ་ཞི་འགྲོ་དུས་ཙམ། ཁོ་རང་གི་སྐེ་དེར་ཐག་པ་དེ་བརྒྱབ་བྱས་བཏགས་ཤག་ཟེར་གིས་ཟག ཨ་ནི་ལམ་སང་ཁ་དེར་ཁོ་རང་གི་སྐེ་ལ་བཏགས་པའི་ཐག་པ་དེ་དཀྲོལ་བྱས། ཨ་ནི་ཁོ་མ་ཤི་པ་དེ་ཁོ་རང་གི་ལྷ་དེ་གིས་སྐྱོབས་པ་འདྲ་འདུག་གང་། ལྷ་དེ་ཕལ་ཆེར་ཁོ་རང་གི་སྐྱེས་ལྷ་ཡིན་པ་འདྲ།